
作词 : 索当珠
编曲 : 索当珠
ཆུང་འདྲིས་བྱམས་པ།
དབྱངས། བདེ་ཆེན་ཆོས་གྲུབ།
ཚིག སྲི་ཆོད་སྤེན་པ། སོག་སྟག་འབྲུག
གཞས་པ། སོག་སྟག་འབྲུག
སྟོད་ཡུལ་ནས་བྱ་བརྒྱ་འཕུར་ཡོང་གདའ།
དེའི་ནང་ལ་ཁུ་བྱུག་མི་གདའ་མོད།
བྱ་ལ་ཁུ་བྱུག་ཡོད་ན་ནོར་ས་མེད།
གསུང་ལ་སྙན་མོའི་འགྱུར་ཁུག་གཅིག་ལེ་མིན།
ཨ་་་་་་ རོགས་དགའ་ཡོ་
ཨ་་་་་་ རོགས་དགའ་ཡོ་
བྱ་ལ་ཁུ་བྱུག་ཡོད་ན་ནོར་ས་མེད།
གསུང་ལ་སྙན་མོའི་འགྱུར་ཁུག་གཅིག་ལེ་མིན།
སྨད་ཡུལ་ནས་རོགས་བརྒྱ་འཛོམས་ཡོང་གདའ།
དེའི་ནང་ལ་ཆུང་འདྲིས་མི་གདའ་མོད།
རོགས་ལ་ཆུང་འདྲིས་ཡོད་ན་ནོར་ས་མེད།
འཛུམ་ལ་སོ་དཀར་བསྟན་ཕྱོགས་གཅིག་ལེ་མིན།
ཨ་་་་་རོགས་དགའ་ཡོ་
ཨ་་་་་་རོགས་དགའ་ཡོ།
རོགས་ལ་ཆུང་འདྲིས་ཡོད་ན་ནོར་ས་མེད།
འཛུམ་ལ་སོ་དཀར་བསྟན་ཕྱོགས་གཅིག་ལེ་མིན།
ཐང་ཡེ་ནས་རྟ་བརྒྱ་བརྒྱུགས་ཡོང་གདའ།
དེའི་ནང་ལ་རྐྱང་རྫི་མི་གདའ་མོད།
རྟ་ལ་རྐྱང་རྫི་ཡོད་ན་འདྲ་ས་མེད།
འགྲོས་གོམ་པའི་འཁྱེར་ཕྱོགས་འདྲ་ས་མེད།
ཨ་་་་་རོགས་དགའ་ཡོ་
ཨ་་་་་རོགས་དགའ་ཡོ་
རྟ་ལ་རྐྱང་རྫི་ཡོད་ན་འདྲ་ས་མེད།
འདྲོས་གོམ་པའི་འཁྱེར་ཕྱོགས་འདྲ་ས་མེད།