
作词 : 民间
作曲 : 民间
ཨ་མ་ལེ། ལས་ལ་ཨོ།
ཡ་རབས་ཚང་གི་གྲལ་མགོ་ན།
ཤ་ཚོན་པོ་ཚང་ར་བསྒྲིགས་ནས་ཡོད།
ཨ་མ་ལེ། ལས་ལ་ཨོ།
གན་ཟ་བའི་ཕ་མ་བསོད་ནམས་ཆེ།
གན་འདྲེན་པའི་བུ་ཕྲུག་ཚེ་ཐག་རིང་།
ཚེ་ཐག་རིང་། འོ། བསྭོ་ཡ་ལ་ནས་བསྭོ།
ཨ་མ་ལེ། ལས་ལ་ཨོ།
ཡ་རབས་ཚང་གི་གྲལ་སྐེད་ན།
ཇ་དཀར་པོ་རླངས་པ་ཐོ་ལོ་ལོ།
ཨ་མ་ལེ། ལས་ལ་ཨོ།
གན་འཐུང་གི་ཕ་མ་བསོད་ནམས་ཆེ།
གན་འདྲེན་པའི་བུ་ཕྲུག་ཚེ་ཐག་རིང་།
ཚེ་ཐག་རིང་། འོ། བསྭོ་ཡ་ལ་ནས་བསྭོ།
ཨ་མ་ལེ། ལས་ལ་ཨོ།
ཡ་རབས་ཚང་གི་གྲལ་རྔ་ན།
ཆང་བདུད་རྩི་སྔོན་མོ་ལྟེམས་སེ་ཡོད།
ཨ་མ་ལེ། ལས་ལ་ཨོ།
གན་འཐུང་གི་ཕ་མ་བསོད་ནམས་ཆེ།
གན་འདྲེན་གི་་བུ་ཕྲུག་ཚེ་ཐག་རིང་།
ཚེ་ཐག་རིང་། འོ། བསྭོ་ཡ་ལ་ནས་བསྭོ།
བསྭོ་ཡ་ལ་ནས་བསྭོ།