
作词 : 藏歌行
作曲 : 藏歌行
编曲 : 藏歌行
སེམས་གཞས།
心歌
歌词大意
རྟ་འདོ་བ་ཞོན་ན་ཨ་ཆེན་ཐང་།།
གླིང་གེ་སར་ཟེར་ར་སྒྲུང་ཞིག་བཤད།།
དཔའ་ཡ་མེད་ཟེར་ར་ཇོ་རུ་བསྟོད།།
ལྕམ་འབྲུག་མོའི་སྙན་ལ་དེ་ལྟར་ཞུ།།
ལུག་གཡང་དཀར་འཚོ་ཡ་གཡེར་མོ་ཐང་།།
བུ་རུས་པ་ཟེར་ར་མགུར་ཞིག་བཞེངས།།
མཐུ་ཟླ་མེད་ཟེར་ར་ཐོས་པ་བསྟོད།།
མ་མྱང་ཚའི་ཐུགས་ལ་དེ་ལྟར་ཞུ།།
གཡང་འབྲི་མོ་བཞོ་ཡ་གསོམ་དཀར་ཟེའུ།།
གཡང་དགོ་དགོ་ཟེར་ར་བཞོ་དབྱངས་འཐེན།།
ཞོ་འོ་མ་ཟེར་ར་དྲིན་ལན་བཤད།།
དྲིན་མ་ལོས་ང་ལ་དེ་ལྟར་གསུང་།།
གཡང་སྒོ་བཞི་ཟེར་ཡ་འབྲོག་པའི་སྡེ།།
ཟས་དཀར་གསུམ་ཟེར་ར་མཆོད་གསུམ་འབུལ།།
ལས་རྒྱུ་འབྲས་ཟེར་ཡ་བྱམས་སེམས་སྒོམ།།
ནང་བུ་ཕྲུག་སེམས་ལ་དེ་ལྟར་འཇོག།