
ལོ་ཟླའི་མིག་ཆུ།
岁月的眼泪
ཚིག རྨ་ཆུའི་སྙུག་འཛིན་པ།
作词:玛曲尼曾巴
དབྱངས། སྟོབས་ལྡན་ཚེ་རིང་།
作曲:道但才让
ལེན་མཁན། བཀྲ་ཤིས་རྒྱ་མཚོ།
演唱:扎西加措
རོལ་མོ། ཁོ་ཚེ་ཚེ་རིང་བཀྲ་ཤིས།
编曲: 科才才让扎西
སྒྲ་ལེན་ཞིབ་སྦྱོར། ཁོ་ཚེ་ཚེ་རིང་བཀྲ་ཤིས།
录音:科才才让扎西
དཔྱིད་འགོ་མའི་ཁུ་ཡུག་གྲགས་ཐལ། །
ནགས་ལྗང་ལོར་ལོ་འདབ་རྒྱས་ཐལ། །
ངས་རོགས་ལོའི་ཕྱོགས་ལ་ལྟ་དུས། །
རི་མཐོན་པོ་སྨུག་གིས་བཟུང་འདུག །
སྨུག་སམ་སིམ་ཞེ་རུ་འཁོར་གི །
རོགས་ཆུང་ལོ་སེམས་ནས་དྲན་གི །
དྲན་དྲགས་པའི་སྙིང་གི་གཅེས་ལོ། །
ཁྱེད་ད་སྐབས་བདེ་མོ་ཨེ་ཡིན། །
ངའི་ཡ་ཆུང་གངས་དཀར་སེམས་ལ། །
འདང་གཟབ་པའི་མི་ཞིག་ཡོད་ནོ། །
རྩིས་ཆེ་བའི་བྱམས་པ་ཁྱེད་ཡིན། །
ཞེ་དུང་བའི་བརྩེ་འདང་ཟབ་མོ། །
ཚིག་མི་འགྱུར་དམ་བཅའི་མདུད་པ། །
ཁ་བསམ་པའི་ནང་གི་སྐད་ཆ། །
དོན་རི་མོ་གཅིག་ལ་ཕབ་ནོ། །
ཁྱོ་འུ་གཉིས་དམ་བཅའ་ཡིན་རུང་། །
ཚེ་སྔོན་མའི་ལས་དབང་ཞིག་གིས། །
ཁྱིམ་གཅིག་ལ་འཛོམས་དབང་མེད་ཀི །
རོགས་ས་ལ་འདང་ཞིག་བརྒྱབས་ན། །
སེམས་སྐྱོ་བའི་བུ་ངའི་དྲན་གདུང་། །
དགུན་ཁ་བ་ལྷ་མ་ལྷུང་རེད། །
ཙག་ཆེ་བས་སེམས་རྩ་འཁྱགས་ཐལ། །
སྡེ་འདི་ཡི་སྡེ་མཐར་བུད་ནས། །
ཡུལ་གཞན་ལ་ལྡོམ་འདོད་སྐྱེ་ཀི །
ཨ་ཤུ་རེ་འདང་ཆེན་རོགས་ལོ། །
ཁྱེད་དྲན་པའི་ལོ་ཟླའི་ནང་ལ། །
ཡིད་མཐུན་པའི་མི་ཞིག་མ་རྙེད། །
ཁྱེད་དྲན་པའི་ཉིན་དང་མཚན་ལ། །
ཞེ་སྐྱོ་བའི་དངན་པ་འཆོར་ཀི །
ལས་མི་རྟག་འཁོར་བའི་གྲོང་ནས། །
ང་ཁྱེད་དང་འཛོམས་པ་མེད་ན། །
ཡུལ་ངེས་མེད་ས་མཐར་འཁྱམས་ནས། །
ཚེ་གང་བོ་གཅིག་པུར་ལུས་རུང་། །
སེམས་གཏིང་ནས་འགྱོད་པ་མེད་གི །