
编曲 : 源头音符
源头音符推广宣传
དྲན་གདུང་།
ཚིག ལུང་རྟོག་བསྟན་འཛིན།
ལེན་མཁན། ཤེར་བསྟན།
སྐྱབས་གཅིག་འཁོར་ལོའི་མགོན་པོ། །
ཆོས་རྗེ་ཡིད་བཞིན་ནོར་བུའི། །
གཟུག་སྐུའི་བཀོད་པ་བསྡུས་ནས། །
དེ་རིང་ལོ་གསུམ་ལོན་སོང་། །
མགོན་མེད་ཉམ་ཐག་སློབ་བུས། །
འཁོར་མེད་བཀའ་དྲིན་བསམ་བཞིན། །
ལོ་ཟླ་སྡུག་གི་ཁུར་བོ། །
འཁྱོལ་ཐབས་བྱས་ནས་བསྡད་ཡོད། །
ཨོ་་་་་་ ཨོ།
ལོ་ཟླ་སྡུག་གི་ཁུར་བོ། །
འཁྱོལ་ཐབས་བྱས་ནས་བསྡད་ཡོད། །
*** *** ***
ཁྱེད་སྐུ་དྲན་ཐེངས་རེ་ལ། །
མིག་ཆུའི་འཕྲེང་བ་འཐོར་སོང་། །
ཁྱེད་གསུང་དྲན་ཐེངས་རེ་ལ། །
སྡུག་གི་ཨ་ཐང་ཆད་སོང་། །
རླབས་ཆེན་སྙིང་སྟོབས་ཆེན་པོས། །
རྒྱལ་བསྟན་དག་ཐེར་བགྱིས་ནས། །
བསྟན་པའི་སྒྲོན་མེ་སྦར་བའི། །
བཀའ་དྲིན་བརྗེད་པ་མ་གནང་། །
ཨོ་་་་་་ ཨོ།
བསྟན་པའི་སྒྲོན་མེ་སྦར་བའི། །
བཀའ་དྲིན་བརྗེད་པ་མ་གནང་། །
*** *** ***
གཞན་སེམས་མ་དཀྲུགས་ཞེས་དང་། །
རང་ཚུགས་མ་ཤོར་ཞེས་པའི། །
ལུགས་གཉིས་བསླབ་བྱའི་གདམས་པ། །
ནམ་ཡང་བརྗེད་པ་མ་གནང་། །
ཁྱེད་སྐུ་ཉི་མ་གཞོན་ནུ། །
རེ་ཞིག་ནུབ་རིར་བཞུད་ཀྱང་། །
སླར་ཡང་གདུལ་བྱའི་མགོན་དུ། །
མྱུར་དུ་འཆར་བའི་སྨོན་ལམ། །
ཨོ་་་་་་ ཨོ།
སླར་ཡང་གདུལ་བྱའི་མགོན་དུ། །
མྱུར་དུ་འཆར་བའི་སྨོན་ལམ། །
ཨོ་་་་་་ ཨོ།
སླར་ཡང་གདུལ་བྱའི་མགོན་དུ། །
མྱུར་དུ་འཆར་བའི་སྨོན་ལམ། །