
编曲 : 源头音符
源头音符推广宣传
སྤུན་ཟླ་ལགས། ཐུགས་རྗེ་ཆེ།
ཚིག འབྲུག་ལྷ་རྒྱལ།
དབྱངས། ཀུན་དགའ་ཚེ་བརྟན།
ལེན་མཁན། ཀུན་དགའ།
ཡ་ང་བའི་སྐྱ་རངས་དེས།
ངའི་ལྷན་འཇགས་གི་རྨི་ལམ་དཀྲོགས་ན་ཡང་།
ངའི་གློ་སྙིང་གི་དུམ་བུ་བཅད་ན་ཡང་།
ལག་བཟུང་ཁྲི་སྟོང་གིས་ང་རང་སྐྱོར་བྱུང་།
ལག་བཟུང་ཁྲི་སྟོང་གིས་ང་རང་སྐྱོར་བྱུང་།
ཨོ། སྤུན་ཟླ་ལགས། ཐུགས་རྗེ་ཆེ།
ངས་མིག་ཆུ་ཕྱིས་ནས་མགོ་བོ་དགྱེ་ཡོད།
ཨོ། རིགས་ཀྱི་སྤུན་ཟླ། ང་ལ་ཡིད་ཆེས་མཛོད།
ངའི་ཡིད་ཆེས་ཀྱི་སྤོབས་པ་བྲག་ལ་བརྩིགས་ཡོད།
ངས་ངུ་འབོད་ཀྱི་གཤིན་ཐང་འདི་ནས།
ཚེ་སྲོག་གི་ངོ་མཚར་བསྐྲུན་ངེས་ཡིན།
འཇིགས་ཡེར་བའི་ཞོགས་པ་དེས།
ངའི་མཛེས་སྡུག་གི་གཞིས་ཡུལ་གཏོར་ན་ཡང་།
ངའི་ཕ་ཁྱིམ་གྱི་གདུང་མ་བཅག་ན་ཡང་།
སེམས་པ་གྲངས་མེད་གྱིས་ང་རང་གཉོར་བྱུང་།
སེམས་པ་གྲངས་མེད་གྱིས་ང་རང་གཉོར་བྱུང་།
ཨོ། སྤུན་ཟླ་ལགས། ཐུགས་རྗེ་ཆེ།
ངས་ན་ཟུག་བསྲན་ནས་གོམ་པ་སྤོས་ཡོད།
ཨོ། རིགས་ཀྱི་སྤུན་ཟླ། ང་ལ་ཡིད་ཆེས་མཛོད།
ངའི་ཡིད་སེམས་ཀྱི་དཀྱེལ་རྒྱ་ཐང་ལ་བཀྲམས་ཡོད།
ངས་གད་ཆག་གི་ཕ་ས་འདི་ནས།
མཚར་སྡུག་གི་གཏམ་རྒྱུད་འབྲི་ངེས་ཡིན།
འབྲི་ངེས་ཡིན།