
编曲 : 源头音符
源头音符推广宣传
ཡར་འབྲོག་སྐར་མ་གླིང་།
ཚིག བསམ་ནོར།
དབྱངས། བསམ་ནོར།
ལེན་མཁན། བསྟན་ནོར།
དྭངས་གཙང་ལ་གཡུ་ཡི་ལ་མཚོ་མོ།
མཚོ་མོ་ཡར་འབྲོག་གཡུ་མཚོ།
མུ་མཐའ་ལ་ནི་མེད་པའི་རྩྭ་ཐང་།
རྩྭ་ཐང་ཡར་འབྲོག་སྐར་མ་གླིང་།
ང་ཡི་སྐྱིད་པའི་ལ་ཕ་ཡུལ།
གཡུ་མཚོའི་ཁ་ལ་ཆག་ཡོད།
ང་ཡི་སྐྱིད་པའི་ལ་ཕ་ཡུལ།
གཡུ་མཚོའི་ཁ་ལ་ཆག་ཡོད།
ང་ཡི་སྐྱིད་པའི་ལ་ཕ་ཡུལ།
གཡུ་མཚོའི་ཁ་ལ་ཆག་ཡོད།
སྤང་རྒྱལ་མེ་ཏོགས་ཡ་ལ།
སྤང་ལ་ཞལ་ཁ་ཕྱེ་སོང་།
གཡང་དཀར་ལུག་ཁྱུ་ཡ་ལ།
དགའ་སྤྲོའི་ལ་ནི་དཔལ་ལ་རོལ་སོང་།
ནོར་ལུགས་ལ་ཁྱུ་ཡི་ལ་བརྟེན་ས།
རྩྭ་ཐང་ཡར་འབྲོག་སྐར་མ་གླིང་།
གསེར་བྱ་ལ་ནི་ངང་པའི་བརྟེན་ས།
མཚོ་མོ་ཡར་འབྲོག་གཡུ་མཚོ།
ང་ཡི་སྐྱིད་པའི་ལ་ཕ་ཡུལ།
གཡུ་མཚོའི་ཁ་ལ་ཆག་ཡོད།
ང་ཡི་སྐྱིད་པའི་ལ་ཕ་ཡུལ།
སྐར་མ་གླིང་ལ་ཡོད་རེད།
ང་ཡི་སྐྱིད་པའི་ལ་ཕ་ཡུལ།
སྐར་མ་གླིང་ལ་ཡོད་རེད།
སྤང་རྒྱལ་མེ་ཏོགས་ཡ་ལ།
སྤང་ལ་ཞལ་ཁ་ཕྱེ་སོང་།
གཡང་དཀར་ལུག་ཁྱུ་ཡ་ལ།
དགའ་སྤྲོའི་ལ་ནི་དཔལ་ལ་རོལ་སོང་།
མངའ་ཐང་ནི་རྒྱས་པའི་ལ་ཕ་ཡུལ།
ཕ་ཡུལ་ཡར་འབྲོག་སྐར་མ་གླིང་།
སྐར་མ་ལ་ནི་གླིང་གི་རྣམ་པ།
ཡར་ངོའི་ཟླ་ལྟར་འཕེལ་སོང་།
ང་ཡི་སྐྱིད་པའི་ལ་ཕ་ཡུལ།
བདེ་བའི་གླིང་ལ་འཁོར་སོང་།
ང་ཡི་སྐྱིད་པའི་ལ་ཕ་ཡུལ།
བདེ་བའི་གླིང་ལ་འཁོར་སོང་།
ང་ཡི་སྐྱིད་པའི་ལ་ཕ་ཡུལ།
བདེ་བའི་གླིང་ལ་འཁོར་སོང་།
སྤང་རྒྱལ་མེ་ཏོགས་ཡ་ལ།
སྤང་ལ་ཞལ་ཁ་ཕྱེ་སོང་།
གཡང་དཀར་ལུག་ཁྱུ་ཡ་ལ།
དགའ་སྤྲོའི་ལ་ནི་དཔལ་ལ་རོལ་སོང་།
དགའ་སྤྲོའི་དཔལ་ལ།
དགའ་སྤྲོའི་དཔལ་ལ་ཡ་ལ་རོལ་སོང་།
རོལ་ལ་སོང་།