
编曲 : 源头音符
源头音符推广宣传
མཆོག་སྤྲུལ་ཀུན་བཟང་རྡོ་རྗེའི་ཞབས་བརྟན་སྨོན་ཚིག
ཚིག མཁན་འཆི་མེད་རིག་འཛིན།
དབྱངས། ཀུན་དགའ།
ལེན་མཁན། ཀུན་དགའ།
འཆི་མེད་འོད་སྐུར་གཤེགས་པའི་གསང་ལམ་ནས།
གཉུག་མ་རྡོ་རྗེའི་སྐུ་བརྙེད་པད་མ་འབྱུང་།
རིག་འཛིན་ཚེ་ལ་དབང་བའི་མགོན་དེ་ཡིས།
བསྟན་འཛིན་དམ་པའི་སྐུ་ཚེ་བསྲིང་བར་མཛོད།
བསླབ་གསུམ་ནོར་འཛིན་ཡངས་པའི་ཐིག་ལེ་རུ།
ཀུན་བཟང་རྒྱལ་སྲས་སྤྱོད་པའི་དགའ་ཚལ་རྒྱས།
ངེས་གསང་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི།
ཡོན་ཏན་རྒྱམ་མཚོའི་གཏེར་ཁྱེད་ཞབས་བརྟན་གསོལ།
ཨོ•••••ཨོ•••••། ཐུགས་རྗེ་ཆེ།
ཨོ•••••ཨོ•••••། སྐྱབས་སུམས་མཆི།
ངའི་ཡིད་གྱིས་ཁྱེད་ལ་སྐྱབས་སུམས་མཆི།
བསོད་ནམས་བང་རིམ་མཐོ་བའི་གསེར་གྱི་ཁྲིར།
ཐུབ་བསྟན་འདུལ་བའཛིན་པའི་ཁྱུ་མཆོག་དེ།
འཆི་མེད་རྔ་སྒྲའི་རྒྱལ་པོའི་ངོ་བོ་རུ།
སྔ་འགྱུར་བསྟན་པའི་རྒྱན་དུ་འཚོ་གཞེས་གསོལ།
གང་གི་མཛད་བཟང་དོན་ཡོད་ཞགས་པ་ཡིས།
ཁམས་གསུམ་སྐྱེ་དགུའི་མོས་སྣང་དབང་བྱས་ཤིང་།
དགེ་ལེགས་སྣང་བ་དཀར་པོའི་འོད་ཟེར་གྱིས།
ལྷོ་གླིང་འཛིན་མའི་གནས་འདི་མཛེས་གྱུར་ཅིག
ཨོ•••••ཨོ•••••། ཐུགས་རྗེ་ཆེ།
ཨོ•••••ཨོ•••••། སྐྱབས་སུམས་མཆི།
ངའི་ཡིད་གྱིས་ཁྱེད་ལ་སྐྱབས་སུམས་མཆི།
ཨོ•••••ཨོ•••••། ཐུགས་རྗེ་ཆེ།
ཨོ•••••ཨོ•••••། སྐྱབས་སུམས་མཆི།
ངའི་ཡིད་གྱིས་ཁྱེད་ལ་སྐྱབས་སུམས་མཆི།