
编曲 : 源头音符
源头音符推广宣传
བཀའ་བཞི་བརྒྱུད་པ།
ཚིག བསམ་གཏམ་རིན་པོ་ཆེ།
དབྱངས། བཀྲ་ཤིས་རྡོ་རྗེ།
ལེན་མཁན། ཀུན་དགའ།
དྲུག་པ་རྡོ་རྗེ་འཆང་ཆེན།
གྲུབ་ཆེན་ཏི་ལོ་ནཱ་རོ།
བཀའ་བཞི་བརྒྱུད་པ་མཇལ་ཚེ།
བཀའ་བརྒྱུད་བསྟན་ལ་དད་སོང་།
སྒྲུབ་བརྒྱུད་ཀུན་གྱི་འབྱུང་གནས།
སྒྲ་སྒྱུར་ཆོས་ཀྱི་རྒྱལ་པོས།
སྙན་རྒྱདབོད་དུ་བསྒྱུར་བའི།
བསྟན་པ་ཕྱོགས་བཅུར་འཕེལ་སོང་།
གྲུབ་ཐོབ་ཀུན་གྱི་འབྱུང་གནས།
རྗེ་བཙན་བཞད་པ་རྡོ་རྗེ།
ཁྱེད་ཀྱི་རྣམ་ཐར་མཇལ་ཚེ།
གདོང་པ་མིག་ཆུས་རླན་སོང་།
ས་བཅུ་སེམས་དཔའ་ཆེན་པོ།
དྭགས་པོ་ཟླ་འོད་གཞོན་ནུས།
བཀའ་ཕྱག་གཅིག་ཏུ་བསྒྲིལ་བའི།
བཀའ་བརྒྱུད་བསྟན་པ་རྒྱས་སོང་།
སྙིང་རྗེ་འགྲོ་ལ་ཆགས་པའི།
མི་མཆོག་དུས་གསུམ་མཁྱེན་པ།
ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར།
འགྲོ་དྲུག་ཡོངས་ལ་ཁྱབ་སོང་།