
作词 : 币艾比外
作曲 : 币艾比外
དེ་རིང་བཀྲ་ཤིས་པའི་ཉི་མ་འདི་ལ།
གཞིས་བྱེས་ལྷན་མཛོམས་ཀྱི་ཉི་མ་འདི་ལ།
ང་ཚོས་མཉམ་དུ་ཞབས་བྲོ་འཁྲབ་ཞོགས།
མཉམ་དུ་སྐྱིད་པའི་གཞས་ཆུང་བླངས་ཞོགས།
མཉམ་དུ་དགའ་བའི་སྐོར་བྲོ་འཁྲབ་ཞོགས།
མཉམ་དུ་ལོ་སར་བསུ།
ལོ་སར་བཟང་།
ལོ་སར་བཟང་།
ལོ་སར་བཟང་།
ལོ་སར་བཟང་།
མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཚང་མ་ལོ་སར་བཟང་།
ང་དང་རིགས་མཐུན་ཀྱི་བོད་རིགས་སྤུན་ཟླ་ཚང་མ་ལོ་སར་བཟང་།
སྣང་བ་སྐྱིད་པ་ལ་ནས་གཅིག་གཉིས་གསུམ་བཞི།
བཀྲ་ཤིས་པའི་ཁ་གཡང་གཅིག་རྗེས་གཉིས་མཐུད་དུ།
རྟེན་འབྲེལ་གྱི་གླུ་ཁ་བཏགས་དཀར་པོའི་ཚུལ་དུ།
དུས་དེ་རིང་ཁྱོད་ལ་འབུལ་ནས་ཡོང་།
གཡུ་བྱུ་རུའི་རྒྱན་ཆ།
སྨན་ཤར་བུ་མོ་ཡི་མདོག་ཆ།
སེམས་འཁོར་ས་སྟག་ཤར་གཞོན་པ།
བརྩེ་བའི་ཨ་ལོང་ནི་མཐུན་པ།
རྩྭ་ཐང་སྟེང་གི་གཞོན་ནུ་ང་ཚོས་དཔའ་རྩལ་དེ་རིང་ངོམ་ངོམ།
རྒྱུན་དུ་གོ་སྐབས་མི་འདུག་ང་ཚོ་ད་ནི་བདེ་མོ་འཛོམས་འཛོམས།
ལྟོས་དང་། སྨན་ཤར་བུ་མོའི་མཛེས་ནི་ཨ་སྔོན་དགུང་གི་ཁྲུང་ཁྲུང་།
ཉོན་དང་། དགའ་བའི་དགོད་སྒྲ་དེ་དང་སྐྱིད་པའི་ཀི་སྒྲ་སངས་སངས།
གསེར་མོ་ལྗོངས་འདི་ནས་ང་ཡི་རིགས་མཐུན་སྤུན་ཟླར་མཚམས་འདྲི་ཞུ།
གསེར་དང་འདྲ་བའི་སྤུན་ཟླར་གནམ་ལོ་གསར་བར་མཚམས་འདྲི་ཞུ།
ཕེབས་ཞོགས། བཀྲ་ཤིས་པའི་དོན་མུ་མཐུད་དུ་ཕེབས་ཞོགས།
ཕེབས་ཞོགས། རྒྱང་རིང་གི་གྲོགས་པོ་མགྲོན་ལ་ཕེབས་ཞོགས།
ཕེབས་ཞོགས། བཀྲ་ཤིས་པའི་དོན་མུ་མཐུད་དུ་ཕེབས་ཞོགས།
ཕེབས་ཞོགས། རྒྱང་རིང་གི་གྲོགས་པོ་མགྲོན་ལ་ཕེབས་ཞོགས།
དེ་རིང་བཀྲ་ཤིས་པའི་ཉི་མ་འདི་ལ།
གཞིས་བྱེས་ལྷན་མཛོམས་ཀྱི་ཉི་མ་འདི་ལ།
ང་ཚོས་མཉམ་དུ་ཞབས་བྲོ་འཁྲབ་ཞོགས།
མཉམ་དུ་སྐྱིད་པའི་གཞས་ཆུང་བླངས་ཞོགས།
མཉམ་དུ་དགའ་བའི་སྐོར་བྲོ་འཁྲབ་ཞོགས།
མཉམ་དུ་ལོ་སར་བསུ།
ལོ་སར་བཟང་།
ལོ་སར་བཟང་།
ལོ་སར་བཟང་།
ལོ་སར་བཟང་།
混音:OD
封面:KOPPD