
作词 : 外懂
作曲 : 玛龙冷智
编曲 : 热彬
རྐང་ལམ་གྱ་གྱུ་འཐེན་པའི་འཇིག་རྟེན་གྱི་སྟེང་ནས། ཡེ།
འཁོར་བའི་ཙག་ཁ་འགོག་པའི་འཚོ་གནས་ཀྱི་བདག་མོ། ཡེ།
ཁྱོད་ང་ཡི་མི་ཚེའི་གཤོག་ཡ།
ཁ་སེམས་གཅིག་མཐུན་གྱི་དགའ་མ་ལོ་ལོ། ཡེ།
ཁྱོད་ང་ཡི་མི་ཚེའི་གཤོག་ཡ།
ཁ་སེམས་གཅིག་མཐུན་གྱི་དགའ་མ་ལོ་ལོ། ཡེ།
ཟླ་འོད་ལམ་ལམ་འཚེར་བའི་མཚན་ལྗོངས་ཀྱི་ཁྲོད་ནས། ཡེ།
བརྩེ་བའི་སྐར་ཆེན་འདྲ་བའི་རྨི་ལམ་གྱི་བདག་མོ། ཡེ།
ཁྱོད་ང་ཡི་སྲོག་གི་སྐྱ་ཡ།
དུངས་སེམས་གཅིག་འདྲིས་ཀྱི་དགའ་མ་ལོ་ལོ། ཡེ།
ཁྱོད་ང་ཡི་སྲོག་གི་སྐྱ་ཡ།
དུངས་སེམས་གཅིག་འདྲིས་ཀྱི་དགའ་མ་ལོ་ལོ། ཡེ།
ཁ་བ་ལྷབ་ལྷུབ་བབས་པའི་དགུན་གཞུང་གི་དུས་སུ། ཡེ།
བརྩེ་བའི་མེ་ཁ་གསོ་བའི་གཡང་ཁྱིམ་གྱི་བདག་མོ། ཡེ།
ཁྱོད་ང་ཡི་སེམས་ཀྱི་མཚེ་ཡ།
སྐྱིད་སྡུག་མཉམ་འཁུར་གྱི་དགའ་མ་ལོ་ལོ། ཡེ།
ཁྱོད་ང་ཡི་སེམས་ཀྱི་མཚེ་ཡ།
སྐྱིད་སྡུག་མཉམ་འཁུར་གྱི་དགའ་མ་ལོ་ལོ། ཡེ།
ཁྱོད་ང་ཡི་སེམས་ཀྱི་མཚེ་ཡ།
སྐྱིད་སྡུག་མཉམ་འཁུར་གྱི་དགའ་མ་ལོ་ལོ། ཡེ།