
编曲 : 源头音符
源头音符分享
དགུང་ཨ་སྔོན་ཁ་ཞེང་སྤྲིན་གྱིས་བཟུང་།།
སྤྲིན་དཀར་པོའི་གོང་ཁ་གསེར་གྱིས་ཤན།།
བྱེའི་ཆུང་ལགས།།
གནམ་འཕང་ཆོད་དང་།།
ཨ་སྔོན་འདི་ཁྱེད་ཀྱི་ཕ་ས་ཡིན།།
སྤྲིན་དཀར་འདི་ཁྱོད་ཀྱི་ཚང་མལ་ཡིན།།
དགུང་ཉི་ཟླའི་འོད་མདངས་མ་ཡལ་ན།།
བྱ་ཁྱེད་ཀྱི་འཛུམ་མདངས་ཡལ་མེད་ཡིན།།
ཐང་ཆེན་པོའི་ཕ་མཐའ་ལུག་གིས་གཞལ།།
ལུག་གཡང་དཀར་འབའ་སྒྲས་རི་ལུང་གང་།།
རྫི་བོ་ལགས་།།
གླུ་ཞིག་ལོངས་དང་།།
ཐང་ཆེན་པོ་འདི་ཁྱོད་ཀྱི་ཕོ་བྲང་ཡིན།།
ལུག་གཡང་དཀར་འདི་ཁྱོད་ཀྱི་འཁོར་འབངས་ཡིན།།
ཕྱི་འབྱུང་བཞིའི་དྲོད་གྲང་མ་འགྱུར་ན།།
བུ་ཁྱོད་ཀྱི་བདེ་སྐྱིད་འགྱུར་མེད་ཡིན།།