
<ཞེ་འདང་གི་དྲན་པ>
སྡེ་ཆེན་སྡེ་བའི་ཁ་རི༎
སྤུན་དང་ན་ཟླའི་བསྐོར་ཡང༎
ཁྱོ་རང་དྲན་པའི་མི་ཚེ༎
སེམས་པ་གཅོང་བའི་ཟིན་འགྲོ༎
དྲན་དང་མ་དྲན་མི་བཤད༎
བཤད་ན་མིག་ཆུ་འཐོར་འགྲོ༎
ཚེ་འདིར་ཁྱེད་རང་དྲན་པ༎
སེམས་ཀྱི་གཏིང་ལ་ཉར་ཡོད༎
ལོ་ཟླ་རྒས་པའི་མི་རྐྱོན༎
ན་ཚིག་མེད་ན་ཆོག་གི༎
ཁྱེད་རང་དྲན་པའི་ལོ་རྒྱུས༎
མི་འགྱུར་རས་པའི་རྐང་ཡིན༎
སྡེ་བའི་བཤད་ན་བཤད་ཆོག༎
ང་རང་མི་ཁར་ལ་མི་སྐྲག༎
ཁྱེད་རང་དྲན་ཐེངས་གཅིག་གིས༎
སེམས་ཀྱི་རྨ་ཁ་གཟེར་ཡོང་༎
ཡ་ཆུང་གསེང་བའི་ཁྱིམ་ན༎
བརྩེ་བའི་འོ་ཇ་དཀོལ་ཡོད༎
ཞེ་འདང་མར་གི་རིལ་བུ༎
ཁྱེད་ཉིད་གཅིག་ལ་འཕེན་འདོད༎
རེན་ཆེན་གཡུ་ཆུང་དྲུག་དཀར།།
ང་ཡི་མགུལ་ལ་བཏེགས་ཡོད༎
འུ་གཉིས་ཁ་ཚིག་རི་མོ༎
སླར་ཡང་སེམས་ལ་སེམས་སྦུས་ཡོད༎
ཁྱོད་ཀྱི་བློ་སེམས་དཀར་བ༎
ང་ཡི་ཞེ་རི་སིམ་ཡོད༎
དྲན་པའི་ཕྱི་ཐག་རིང་མོ༎
སྐལ་བའི་མཐའ་ལ་བསྐྱལ་ཆོག༎
དྲན་པ་རྫ་ལ་བཤད་ཡོད༎
དྲན་པ་སྨུག་པ་སྐུར་ཡོད༎
སང་ལོའི་དབྱར་གཞུང་ཞིག་ལ༎
འཛོམས་པའི་ཁ་ཆད་བཞག་ཡོད༎