
编曲 : 那南多杰
ལྷ་ས་གསེར་གྱི་སྒ་ལུང་།
ཚིག་གདངས། ཐེ་བོའི་དམངས་གཞས།
ལེན་མཁན། ཎ་ནམ་རྡོ་རྗེ།
ལྷ་ས་གསེར་གྱི་སྒ་ལུང་གོང་མ་ན།
རྟ་སེར་པོ་དགུ་སྟོང་དགུ་བརྒྱ་ཡོད་གི།
ཡ་རེ་ལོ།ཡར་ལ་འགྲོ་གི་བསྡད།
དེའི་ཐོག་ན། གསེར་སྒ་གསེར་སྲབ་ཡོད་གི།
ཡ་རེ་ལོ། ཡར་ལ་འགྲོ་གི་བསྡད།
ཡར་ལ་འགྲོ་གི་བསྡད།
ལྷ་ས་གསེར་གྱི་སྒ་ལུང་བར་མ་ན།
རྟ་དཀར་པོ་དགུ་སྟོང་དགུ་བརྒྱ་ཡོད་གི།
ཡ་རེ་ལོ།ཡར་ལ་འགྲོ་གི་བསྡད།
དེའི་ཐོག་ན། དངུལ་སྒ་དངུལ་སྲབ་ཡོད་གི།
ཡ་རེ་ལོ། ཡར་ལ་འགྲོ་གི་བསྡད།
ཡར་ལ་འགྲོ་གི་བསྡད།
ལྷ་ས་གསེར་གྱི་སྒ་ལུངཞོལ་་མ་ན།
རྟ་ནག་པོ་དགུ་སྟོང་དགུ་བརྒྱ་ཡོད་གི།
ཡ་རེ་ལོ།ཡར་ལ་འགྲོ་གི་བསྡད།
དེའི་ཐོག་ན། དུང་སྒ་དུང་སྲབ་ཡོད་གི།
ཡ་རེ་ལོ། ཡར་ལ་འགྲོ་གི་བསྡད།
ཡར་ལ་འགྲོ་གི་བསྡད།
ཡང་བསྐྱར་༼དེའི་ཐོག་ན། དུང་སྒ་དུང་སྲབ་ཡོད་གི།
ཡ་རེ་ལོ། ཡར་ལ་འགྲོ་གི་བསྡད།
ཡར་ལ་འགྲོ་གི་བསྡད།༽