
作词 : 丁增旺索
作曲 : 丁增旺索
编曲 : 丁增旺索
སེམས་པའི་གཅེས་མ།
ལས་དབང་གི་འདུད།
ཁྱོད་ལ་ཡང་འཕྲད།
མེད་མིན་མ་རེད།
སྙིང་ལ་དམ་དུ་བཞག་པའི་བུ་མོ།
བློ་ཡིད་དབང་དུ་གཏད་སའི་གྲོགས་མོ།
ང་ཡི་ཡིད་འཕྲོག་སྙིང་གི་ལྷ་མོ།
བདེ་སྐྱིད་ཀུན་དུ་གནས་པའི་སྙིང་གྲོགས།
དགའ་བཞིན་ཡོད་པ་རྟེན་པོ།
དགའ་ཞིང་སེམས་ལ་བབ་མོད།
ཡོད་ཚད་དད་པ་དམ་ཚིག་སྙིང་ལ་བྲིས་པ་ཙམ་ཅི་ཡིན།
བཤད་ཚད་སྙིང་གཏམ་དྲོན་མོ།
རྫས་ཚད་དུང་བའི་བཅོལ་མ།
ཁྱོད་ངའི་གཉིས་ཀྱི་མི་ཚེ་ཐག་རིང་དེའི་ངང་ནས་འགྲོ།
ཕྱིར་མིག་ཐེངས་གཅིག་འཕེན་པའི།
ལོ་ཟླའི་འཆར་བང་བརྗེད་གི
མ་བཅོས་སེམས་ལ་ཕོག་པའི།
རྨ་ཁ་ཡོད་ཚད་བཅོས་སོང་།
སེམས་དཀྱིལ་ན་གནས་པའི།
ཡིད་དབང་གི་རོགས།
ངས་ཁྱེད་རང་དྲན།
ཨ་བུ་མོ་དྲན་པའི་བསམ་པ་གཅིག
ཁྱོད་ང་ཡི་སེམས་པའི་སྟེང་ན་གནས།
ཨ་བུ་མོ་ཁྱོད་རང་སྙིང་ལ་བྲིས་ཀྱང་།
ལས་དབང་ལ་མགོ་བོ་སྒུར་ནས་མི་འགྲོ
ཡུན་རིང་མིན་པའི་བརྩེ་བ་བླེང་ནས་མི་འགྲོ།
ཕན་ཚུན་ལ་བྱམས་སྐྱོང་བྱེད་པས་ལྷན་དུ་འདུག
ཡུན་རིང་ཀྱི་བདེ་སྐྱིད་རྟེན་ནས་མཉམ་དུ་འགྲོ།
ཁྱོད་གཅིག་པུར་མ་གཏོགས་འཕྲད་འདོད་མེད།
ཕྱིར་མིག་ཐེངས་གཅིག་འཕེན་པའི།
ལོ་ཟླའི་འཆར་བང་བརྗེད་གི
མ་བཅོས་སེམས་ལ་ཕོག་པའི།
རྨ་ཁ་ཡོད་ཚད་བཅོས་སོང་།
སེམས་དཀྱིལ་ན་གནས་པའི།
ཡིད་དབང་གི་རོགས།
ངས་ཁྱེད་རང་དྲན།
བདེ་སྐྱིད་དུང་སེམས་ཁྱོད་ལ་གནས་པའི་བུ་ཆུང་ང་།
ཆེན་པོའི་བསམ་པ་ཅི་ཡང་མེད་པའི་བུ་མོ་ཁྱོད།
ཆོས་སེམས་བྱམས་སྐྱོང་ཀུན་ལ་གནས་པའི་ཁོ་མོ་ལ།
འཛོམས་པ་ད་རུང་ཐེངས་གཅིག་ཡོད་ན་ཁྱོད་ལ་དགའ།
作词:丁增旺索
作曲:丁增旺索
混音/母带处理:周强加
和声:丁增旺索/永丁然杰
制作人:丁增旺索
发行:蓝鹰音乐工作室