
作词 : 罗布桑珠
作曲 : 旦旦/罗布桑珠
编曲 : 旦旦
制作人 : 旦旦
དཔྱིད་ཀ་ཤར་བའི་མཚམས་དེ་ལ་སླེབས་དུས་།
རང་བྱུང་ཁམས་དེ་གསོན་ཤུགས་ཁེངས་།
ང་ཡི་སེམས་ཡང་དུས་དེ་ལ་སླར་ཡང་གསོན་།
བསིལ་བསིལ་ལ་ལྡང་བའི་རླུང་བུས་།
ཁམ་བུའི་མེ་ཏོག་ལྡེམ་ལྡེམ་གཡུག
ང་ཡི་ལུས་པོ་གླུ་དབྱངས་དང་མཉམ་དུ་འགུལ་།
ལོ་ཡིས་ཐོག་མར་ཁྱེད་ཀྱིས་བསུ་།
སྡུག་བསྔལ་ཚང་མ་རྒྱབ་ཏུ་བསྐྱུར་།
རེ་བ་གསར་པ་བཅངས་།
འཛུམ་དམུལ་ངང་ནས་གླུ་འདི་ལེན་།
མ་གཞི་གོང་ནས་དཀའ་བས་ཁེངས་ཡོད་ཀྱང་།
མི་ལུས་རིན་ཆེན་གསེར་ལས་དཀོན་།
ལྷུང་བའི་མཆི་མ་ཕྱིས་ནས་མུ་མཐུད་མདུན་དུ་བསྐྱོད་།
མ་གཞི་གོང་ནས་བློ་ཕམ་ཀྱིས་ཁེངས་ཡོད་ཀྱང་།
འཚོ་བར་སྤྲོ་བའི་ཆ་ཡོད་ངེས་།
དཔྱིད་ཀའི་དུས་ནང་བཞིན་ལུས་ངག་ཡིད་གསུམ་སླར་ཡང་གསོན
ཁུ་སིམ་མཚན་མོར་ཁེར་རྐྱང་ལུས་པའི་སེམས།
ང་དང་འདྲ་བའི་མི།
མཆི་མ་མ་ལྷུང་དྲང་ལྷང་གི་སེམས་པ་།
དཔྱིད་ཀའི་དུས་ཤར་སོང་།
ལོ་ཡིས་ཐོག་མར་ཁྱེད་ཀྱིས་བསུ་།
སྡུག་བསྔལ་ཚང་མ་རྒྱབ་ཏུ་བསྐྱུར་།
རེ་བ་གསར་པ་བཅངས་།
འཛུམ་དམུལ་ངང་ནས་གླུ་འདི་ལེན་།
མ་གཞི་གོང་ནས་དཀའ་བས་ཁེངས་ཡོད་ཀྱང་།
ཁྱེད་ཀྱིས་ང་ལ་དྲོ་སྣང་འབྱིན་།
འོན་ཀྱང་སེམས་ཀྱི་སྙིང་གཏམ།
ཁོང་གིས་ཐོས་ཡོང་ངམ་།
མ་གཞི་གོང་ནས་བློ་ཕམ་ཀྱི་ཁེངས་ཡོད་ཀྱང་།
ནམ་དུས་དཔྱིད་ཀ་ཤར།
ང་ཡི་སེམས་དེ་སླར་ཡང་གསོན།
འདས་པའི་སྡུག་བསྔལ་རྣམས་།
གྲང་ངར་ལྡན་པའི་དགུན་དུ་བསྐྱུར།
མཆི་མ་ལྷུང་མ་གནང་།
འཛུམ་དམུལ་ངང་ནས་མདུན་དུ་བསྐྱོད།
ནམ་དུས་དཔྱིད་ཀ་ཤར།
ང་ཡི་སེམས་དེ་སླར་ཡང་གསོན།
ནམ་དུས་དཔྱིད་ཀ་ཤར།
ང་ཡི་སེམས་དེ་སླར་ཡང་གསོན།
吉他 : 旦旦
音乐制作人 : 旦旦
录音混音 : 千朵音乐
母带 : 千朵音乐
监制 : D&M
统筹 : 卢洋
发行策划 : 阿斯根
出品 : 千朵音乐
【未经著作权人许可 不得翻唱 翻录或使用】