
编曲 : 极地音符发布
ལས་འགན། ཀུན་དགའ་མར་བཏུང་ལགས།
སྐྱེར་ན་གངས་ཅན་བོད་ཀྱི་ཞིང་ཁམས་འདི།
སངས་རྒྱས་ཆོས་ཀྱི་བསྟན་པ་དར་ས་རེད།
གངས་ཅན་ཆོས་ཀྱི་སྒྲོན་མེ་སྙན་གྲགས་ཆོག
གངས་ཅན་བོད་མིའི་སེམས་པ་ཆོས་ལ་བསྒྱུར།
མ་ནོར་ལམ་སྟོན་བཤེས་གཉེན་ཁྱེད་ཀྱི་གནང་།
དེ་དང་ཕྱི་མའི་ལམ་སྟོན་ཁྱེད་ཀྱིས་གནང་།
དཀར་ནག་ལས་འབྲས་སྲུང་དང་ཁྱེད་ཀྱི་གནང་།
སློབ་དཔོན་ཁྱེད་ནི་བཀའ་དྲིན་ཤིན་ཏུ་ཆེ།
དེ་འདྲའི་བླ་མ་ཆོས་ཀྱི་སྙན་གྲགས་ལགས།
མགོ་གསུམ་གུས་པས་བདག་གི་བསྟོད་གླུ་ལེན།
ཁ་བ་ཅན་གྱི་སངས་རྒྱས་བསྟན་པ་འདི།
མ་ཉམས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག