
作曲 : 赛吾.索南扎巴
编曲 : 扎西塔新
བུ་ཆུང་སྙིང་གཏམ་སུ་ལ་བཤད།
ཚིག ཨ་ཆེན་ལུག་རྫི།
དབྱངས། བསོད་ནམས་གྲགས་པ།
གཞས་པ།བཀྲ་ཤིས་ནོར་བུ།
དགུང་གི་ཉི་མ་དྲིན་ཆེན་མ།།
བརྩེ་ཆེན་སྙིང་གི་མཁའ་འགྲོ་མ།།
ཡོད་ན་འཇིག་རྟེན་དྲོད་མོ་རེད།།
མེད་དུས་ནམ་མཁའ་སྟོང་པར་གྱུར།།
ཤར་ནས་ཉི་མ་ཤར་འོང་དུས།
བདག་གི་དྲིན་ཆེན་ཨ་མ་དྲན།།
ཉི་མ་ལ་ནི་ཁྱེད་དྲིན་དང་།།
འགྲན་པའི་ནུས་པ་ནམ་ཡང་མེད།།
ཁམས་གསུམ་འོད་ཀྱིས་གང་ཡང་རུང།།
སེམས་ཀྱི་མུན་པ་བསལ་མི་ནུས།།
འཛམ་གླིང་ཉི་མ་རིན་པོ་ཆེ།།
བུ་ཆུང་སྙིང་གཏམ་སུ་ལ་བཤད།།
ཤར་ནས་ཉི་མ་ཤར་འོང་དུས།
བདག་གི་དྲིན་ཆེན་ཨ་མ་དྲན།།
ཉི་མ་ལ་ནི་ཁྱེད་དྲིན་དང་།།
འགྲན་པའི་ནུས་པ་ནམ་ཡང་མེད།།
ཁམས་གསུམ་འོད་ཀྱིས་གང་ཡང་རུང།།
སེམས་ཀྱི་མུན་པ་བསལ་མི་ནུས།།
འཛམ་གླིང་ཉི་མ་རིན་པོ་ཆེ།།
བུ་ཆུང་སྙིང་གཏམ་སུ་ལ་བཤད།།
ཨ་མ……ཨ་མ……ཨ་མ
ཨ་མ……ཨ་མ……དྲིན་ཆེན་མ
དགུང་གི་ཉི་མ་དྲིན་ཆེན་མ།།
བརྩེ་ཆེན་སྙིང་གི་མཁའ་འགྲོ་མ།།
ཨ་མ……ཨ་མ……ཨ་མ
ཨ་མ……ཨ་མ……དྲིན་ཆེན་མ
དགུང་གི་ཉི་མ་དྲིན་ཆེན་མ།།
བརྩེ་ཆེན་སྙིང་གི་མཁའ་འགྲོ་མ།།
བརྩེ་ཆེན་སྙིང་གི་མཁའ་འགྲོ་མ།།