作词 : 米尼雄
作曲 : 扎西多杰
编曲 : 王浩羽
ཕ་ཡུལ་མཐོ་སྒང་།
故乡高原
ཚིག—རྨེ་སྨྱུག་གཞོན།
作词:米尼雄
ཡིག་སྒྱུར་བ། དབལ་ཁྱུང་བསོད་ནམས།
翻译:瓦琼索郎
ཡར་འགྲོ་དང་གངས་ཅན་ཕུ་ནུ་ཚོ། །
同胞们往高处走
རྫ་སྨུག་པ་ལངས་སའི་རི་མགོ་ནས། །
在雾霾形成的山顶上
ངའི་གཅེས་ལོ་སེམས་པ་སྤྲིན་ལ་འདྲེན། །
我爱人的心好比白云
བོད་ཁ་བའི་སེམས་ལ་སྐྱིད་གཅིག་གདའ། །
雪域儿女的心中充满欢乐
ཡར་འགྲོ་དང་གངས་ཅན་ཕུ་ནུ་ཚོ། །
同胞们往高出处走
ཆུ་དྭངས་མོ་འགྱུར་ཁུག་སྤང་ལ་འཐེན། །
清水悠扬吸进草地
སྤང་མཛེས་པའི་མེ་ཏོག་ཁྲ་ཚོམས་བཀོད། །
鲜花开满大地
བོད་གདོང་དམར་ཚང་གི་ཡུལ་ལུང་མཛེས། །
青藏高原的风景优美
ཡར་འགྲོ་དང་གངས་ཅན་ཕུ་ནུ་ཚོ། །
同胞们往高处走
ལུག་གཡང་དཀར་འབའ་སྒྲ་ལྷས་ལ་འགུག །
绵羊在羊圈里咩咩叫
མ་འབྲོག་པའི་བུ་མོ་བཞོ་དབྱངས་སྙན། །
牧民姑娘的挤奶歌声动听
བོད་སྦྲ་ནག་ཚང་གི་ཁྱིམ་ནོར་རེད། །
是黑帐篷里的家宝
ཡར་འགྲོ་དང་གངས་ཅན་ཕུ་ནུ་ཚོ། །
同胞们往高处走
རྩྭ་རྩི་ཤིང་མགོ་ལྕོགས་ལྡེམ་མེར་གཡོ། །
花草树木在摇摆
ཡིད་འགུག་པའི་དྲི་བཟང་ཁྱབ་ནས་ཡོད། །
散发着让人愉悦的香气
ངེད་བོད་པ་ཚང་གི་ཕ་ཡུལ་དགའ། །
藏家最舒适的地方
ཡར་འགྲོ་དང་གངས་ཅན་ཕུ་ནུ་ཚོ། །
同胞们往高处走
ས་སྐྱིད་པོ་དབྱི་ཤོད་མཛེས་ལྗོངས་སུ། །
在美丽的伊秀之地
དགོན་ཆེན་པོ་འཛམ་གླིང་རྒྱན་གཅིག་བཞུགས། །
有名扬世界的查杰玛大殿
འབངས་དད་པ་ཅན་གྱི་མཆོད་པའི་གནས། །
是信教众徒的朝拜地
ཡར་འགྲོ་དང་གངས་ཅན་ཕུ་ནུ་ཚོ། །
同胞们往高处走
གངས་དཀར་པོ་རིན་ཆེན་སྤུངས་པ་འདྲ། །
白雪如堆满珍宝
གནས་ཆེན་པོ་ཇོ་བོ་གཟེ་རྒྱལ་བཞུགས། །
乃确觉沃色杰神山
ལག་ཕྲེང་བ་ཅན་ཚོའི་བླ་རི་རེད། །
是信徒们的圣地
