
作曲 : 夏旭·才仁东周
编曲 : 玉树开周江才
བྱ་ཁྱུང་ཆེན།
ཚིག ཨ་ཆེན་ལུག་རྫི།
དབྱངས།ཤག་ཤུལ་ཚེ་རིང་དོན་འགྲུབ།
གླུ་བ།མཁས་གྲུབ་རྒྱལ་མཚན།
བྱ་ཁྱུང་ཆེན་རི་རབ་རྩེ་ལ་བཞུགས།།
མ་འདབ་ཆགས་ཡོངས་ཀྱི་བསོད་ནམས་རེད།།
རི་རབ་བདག་པོ་སུ།།
ཁ་སང་ཁྱུང་ཆེན་སུ།།
ཁྱུང་དང་རི་རབ་ཆ།།
སྲིད་པའི་གཟི་བརྗིད་རེད།།
ཨ།རི་རབ་བདག་པོ་ཁྱུང་ཆེན།།
ཁྱུང་ཆེན་རི་རབ་བདག་པོ།།
གསེར་ཉི་མ་ཨ་སྔོན་གནམ་ལ་གཞུགས།།
ས་སྐྱེ་དངོས་ཡོངས་ཀྱི་བསོད་ནམས་རེད།།
ཨ་སྔོན་བདག་པོ་སུ།།
དེ་རིང་ཉི་མ་སུ།།
གནམ་དང་ཉི་མ་ཆ།།
དུས་ཀྱི་དབང་ཐང་རེད།།
ཨ།ཨ་སྔོན་བདག་པོ་ཉི་མ།།
ཉི་མ་ཨ་སྔོན་བདག་པོ།།
ཕ་འབྲོག་པ་རྩྭ་ཐང་དཀྱིལ་ལ་བཞུགས།།
བོད་དབུ་ནག་ཡོངས་ཀྱི་བསོད་ནམས་རེད།།
རྩྭ་ཐང་བདག་པོ་སུ།།
མ་འོང་འབྲོག་པ་སུ།།
འབྲོག་དང་རྩྭ་ཐང་ཆ།།
ང་ཚོའི་རེ་བ་རེད། །
ཨ།རྩྭ་ཐང་བདག་པོ་འབྲོག་པ།།
འབྲོག་པ་རྩྭ་ཐང་བདག་པོ།།