
作词 : 白才
རྫི་གླུ།
ཚིག པད་ཚེ།
དབྱངས། པ་སངས།
ལེན་མཁན། སྐལ་བཟང་བསྟན་འཛིན།
གླུ་ཚིག་རྒྱ་བསྒྱུར། བསོད་ནམས་གྲགས་པ།
རི་མཐོན་པོའི་མགོ་ནས་ཀི་ཞིག་བཏང་།
སྐད་སྙན་མོ་རི་ལུང་ཡོངས་ལ་ཁྱབ།
ལུག་གཡང་དཀར་འབའ་སྒྲ་ཉིལ་ལི་ལི།
རི་མཐོན་པོའི་མགོ་ཡི་རྫི་བོ་སྐྱིད།
ལུག་གཡང་དཀར་འབའ་སྒྲ་ཉིལ་ལི་ལི།
རི་མཐོན་པོའི་མགོ་ཡི་རྫི་བོ་སྐྱིད།
ཐང་ཆེན་པོའི་དཀྱིལ་ནས་གླུ་ཞིག་བླངས།
སྐད་སྙན་མོ་ཡུལ་ཕྱོགས་ཀུན་ལ་ཁྱབ།
ནོར་ནག་ཆུང་ངུར་སྒྲ་ལྡི་རི་རི།
ཐང་ཆེན་པོའི་དཀྱིལ་གྱི་མ་སྲུ་སྐྱིད།
ནོར་ནག་ཆུང་ངུར་སྒྲ་ལྡི་རི་རི།
ཐང་ཆེན་པོའི་དཀྱིལ་གྱི་མ་སྲུ་སྐྱིད།
ཆུ་ཆེན་པོ་རྨ་ཀླུང་མགོ་ཁུངས་ཡུལ།
གླིང་དཀར་པོའི་རྟ་རྒྱུག་བྱེད་པའི་ས།
རྟ་འདོ་བའི་འཚེར་སྐད་སི་ལི་ལི།
རྟ་རྐྱང་རྒོད་གོང་གི་སྟག་ཤར་སྐྱིད།
རྟ་འདོ་བའི་འཚེར་སྐད་སི་ལི་ལི།
རྟ་རྐྱང་རྒོད་གོང་གི་སྟག་ཤར་སྐྱིད།
རྟ་འདོ་བའི་འཚེར་སྐད་སི་ལི་ལི།
རྟ་རྐྱང་རྒོད་གོང་གི་སྟག་ཤར་སྐྱིད།