
作词 : 白玛才旦
作曲 : 阿德•青梅才仁
编曲 : 玉树开周江才
ངས་ཁྱེད་སྒུག་བསྡད་ཡོད།
མཐོ་སྒང་ནམ་མཁའ་སྔོ་ཞིང་བསངས།
ཆུ་འཛིན་སྤྲིན་དཀར་ཡང་ཞིང་གཡོ།
གཙང་གསུམ་འབྱུང་ཡུལ་ནས་ངས་ཁྱེད་སྒུག་བསྡད་ཡོད།
གནས་འདིའི་ཆུ་མིག་དྭངས་ཤིང་གཙང་།
ས་འདིའི་སྤང་ལྗོངས་ཡངས་ཤིང་ཆེ།
ཨ། གནས་འདི་ནི་ང་ཡི་ཕ་ཡུལ་ཡིན།
ས་འདི་ནས་ངས་ཁྱེད་སྒུག་བསྡད་ཡོད།
ཇོ་བོ་སྒྱོགས་ཆེན་གདོང་ར་བརྗིད།
རི་བོ་སྤ་ལ་སྟག་རྩེ་་མཛེས།
གཙང་གསུམ་འབྱུང་ཡུལ་ནས་ངས་ཁྱེད་སྒུག་བསྡད་ཡོད།
གནས་འདིའི་འདབ་ཆགས་ཀྱིས་གླུ་ལེན་ཤེས།
ས་འདིའི་རི་དྭགས་ཀྱིས་བྲོ་འཁྲབ་ཤེས།
ཨ། གནས་འདི་ནི་ང་ཡི་ཕ་ཡུལ་ཡིན།
ས་འདི་ནས་ངས་ཁྱེད་སྒུག་བསྡད་ཡོད།
ཡུལ་ཤུལ་ཕྱུག་མོར་དམངས་སྲོལ་བཟང་།
གེ་སར་གནའ་སྒྲུང་ཕུན་སུམ་ཚོགས།
གཙང་གསུམ་འབྱུང་ཡུལ་ནས་ངས་ཁྱེད་སྒུག་བསྡད་ཡོད།
གནས་འདིའི་ཨ་ཕས་གེ་སར་མཆོད།
ས་འདི་འི་ཨ་མས་འབྲུག་མོར་བསྟོད།
ཨ། གནས་འདི་ནི་ང་ཡི་ཕ་ཡུལ་ཡིན།
ས་འདི་ནས་ངས་ཁྱེད་སྒུག་བསྡད་ཡོད།
ཨ། གནས་འདི་ནི་ང་ཡི་ཕ་ཡུལ་ཡིན།
ས་འདི་ནས་ངས་ཁྱེད་སྒུག་བསྡད་ཡོད།