
作词 : 洛绒德勒
作曲 : 洛绒德勒
编曲 : 101_Studio
和声:益西次仁
录音:101 Studio 影音
后期:101 Studio 影音
ཇོ་མོ་གླང་མའི་རྩེ་ལ་འགྲོ།
ཇོ་མོ་གླང་མའི་རྩེ་ཡར་ལ་འགྲོ།
ཇོ་མོ་གླང་མའི་རྩེ་ལ་འགྲོ་ལེ་ཡིན།
རང་གི་ཡུལ་ལ་ལྟད་མོ་བལྟ་ཀར་འགྲོ།
ཡར་ཀླུང་གཙང་པོའི་ཕ་ཁར་འགྲོ།
ཡར་ཀླུང་གཙང་པོའི་ཕ་ཁར་རུ་འགྲོ།
ཡར་ཀླུང་གཙང་པོའི་ཕ་ཁ་འགྲོ་ལེ་ཡིན།
མ་འོངས་བོད་འདི་འཛུགས་སྐྲུན་བྱེད་དུ་འགྲོ།
སོའོ། ཡར་འགྲོ་ལ་དང་ཡར་འགྲོ་ལ།
ཡར་འགྲོ་ཅན་ལ་བཀྲ་ཤིས་ལོ་ལེགས་ཡོད།
ཡར་འགྲོ་གསེར་གྱི་ལུང་པ་ལ་རླུང་རྟ་ཡར་ལ་དར་བ་ཤོག
ཕོ་གཞོན་དར་མ་ཡིན་ན་གཡས་ལ་རྡོག་སྒྲ་སྒྲིག་ཤོག
མོ་གཞོན་མཛངས་མ་ཡིན་ན་གཡོན་ལ་གླུ་དབྱངས་ལེན་ཤོག
གཡོན་ལ་གླུ་དབྱངས་དེ་ལེན་ཤོག
ལྷ་ས་ནོར་བུ་གླིང་ལ་འགྲོ།
ལྷ་ས་ནོར་བུ་གླིང་ཡར་ལ་འགྲོ།
ལྷ་ས་ནོར་བུ་གླིང་ལ་འགྲོ་ལེ་ཡིན།
མི་སྣ་འཛོམས་ས་ལྟད་མོ་བལྟ་ཀར་འགྲོ།
ལྷ་ལྡན་གཙུག་ལག་ཁང་ལ་འགྲོ།
ལྷ་ལྡན་གཙུག་ལག་ཁང་ཡར་ལ་འགྲོ།
ལྷ་ལྡན་གཙུག་ལག་ཁང་ལ་འགྲོ་ལེ་ཡིན།
ཤཀྱ་མུ་ནེའི་སྐུ་དྲིན་འཇལ་དུ་འགྲོ།
སོའོ། རྟེན་འབྲེལ་བཟང་དང་རྟེན་འབྲེལ་བཟང་།
རྟེན་འབྲེལ་བཟང་པོ་ནམ་མཁའི་དབྱིངས་ནས་འཕྲོ།
སྣང་བ་མཐའ་ཡས་བྱམས་བརྩེ་འདི་མ་འགྱུར་འགྲོ་བ་ཀུན་ལ་ཁྱབ།
ཕོ་གཞོན་དར་མ་ཡིན་ན་གཡས་ལ་རྡོག་སྒྲ་སྒྲིག་ཤོག
མོ་གཞོན་མཛངས་མ་ཡིན་ན་གཡོན་ལ་གླུ་དབྱངས་ལེན་ཤོག
གཡོན་ལ་གླུ་དབྱངས་དེ་ལེན་ཤོག
ཕོ་གཞོན་དར་མ་ཡིན་ན་གཡས་ལ་རྡོག་སྒྲ་སྒྲིག་ཤོག
མོ་གཞོན་མཛངས་མ་ཡིན་ན་གཡོན་ལ་གླུ་དབྱངས་ལེན་ཤོག
གཡོན་ལ་གླུ་དབྱངས་དེ་ལེན་ཤོག
གཡོན་ལ་གླུ་དབྱངས་ལེན་ཤོག