
作曲 : 索当珠
编曲 : 索当珠
མཆོག་སྤྲུལ་རིག་བཟང་རྡོ་རྗེ།
འཛམ་གླིང་བསྟན་པའི་བླ་མ།
བྱང་སྟོད་འབྲོག་སྡེའི་སྐྱབས་མགོན།
དཀར་ཕྱོགས་སྐྱོང་བའི་བྱིན་བདག།
བསྟན་པ་སྐྱོང་བའི་སྲོག་ཤིང་།
བཤད་གྲུབ་གླིང་གི་སློབ་དཔོན།
འདི་ཕྱིའི་སྐྱབས་གནས་བཅོལ་ས།
ཡུལ་བསོད་ནམས་ཅན་གྱི་གཙུག་རྒྱན།
སྐུ་མི་འགྱུར་རི་རྒྱལ་ལྷུན་པོ་ལ།
སྐུ་གཡོ་འགུལ་མེད་པའི་སྨོན་ལམ་འདེབས།
གསུང་མི་འགྱུར་རྡོ་རྗེའི་སྒྲ་དབྱངས་ལ།
གསུང་འགག་པ་མེད་པའི་བཀྲ་ཤིས་ཤོག།