
作词 : 桑尕白
作曲 : 桑尕白
编曲 : 桑尕白
རྫི་གླུ་རྫ་ཆབ་བསིལ་མ།
ཚིག བསང་ཚེ་བཀྲ།
དབྱངས ཁོ་ཚེ་དཔལ་ལྡན།
ལེན་མཁན བསང་སྐལ་བྷེ།
རུ་སྟོད་སྨད་ལ་ཁྱུ་མང་རུང་། །
རྟ་བཟང་པོ་ཅང་ཤེས་རྒོད་པོས། །
རྐང་གཞུ་འཕྲ་གཡུག་ནི་ཕར་ཞོག །
རྒྱབ་ཁ་རྔོག་འཕྲུག་ན་དྲག་གི །
རྟ་འཚེར་ནས་འདབས་ལ་ཐོན་ན། །
ཁ་བཀུག་ནས་འདོགས་དོན་མེད་ཀ །
སྟོད་རི་ཆེན་སྨུག་པས་བཏུམས་རུང་། །
བུ་བཟང་པོ་ཚེ་རིང་ནོར་བུས། །
ལུག་རྫ་ནས་ཆད་ནི་ཕར་ཞོག །
ཀི་བཏབ་ནས་ཐོ་རེ་ཕུད་ཀི །
རྩྭ་གང་བཟང་བདམས་ནས་སོང་ན། །
ངོའི་སྡང་སྡིག་སྟོན་དོན་མེད་ཀ །
ཞག་ཉིན་མཚན་རི་ལ་འཁྱམ་རུང་། །
མ་བཟང་མོ་འབྲོག་བཟའ་སྒྲོལ་མས། །
ངོ་གནག་པོ་སྟོན་ནི་ཕར་ཞོག །
ངག་འཇམ་པོའི་ཁམས་བདེ་འདྲི་ཀི །
ཇ་ཚ་མོའི་ཁོལ་མགོ་བླུག་ན། །
ཚིག་རྩུབ་མོ་ཤོར་དོན་མེད་ཀ །
2021/10/31/མལ་ཤག་ཏུ།