
作词 : 巴金洛南才仁
作曲 : 巴金洛南才仁
《拼搏》
མི་ཚེ་འདི་མི་རྟག་པ་རེད།།
འཁོར་བ་ནི་སྐྱིད་རེ་སྡུག་རེ།།
ནམ་འཆི་ནི་ཆ་མེད་ཞིག་རེད།།
རང་མོས་པའི་བྱ་བ་བསྒྲུབ་ཤོག།
ལས་བྱ་བ་ཨེ་འགྲུབ་མི་འགྲུབ།།
ནང་བསམ་བློ་སྐོར་ལུགས་ཟིག་རེད།།
ལུས་ལང་ཚོ་གཞོན་པ་ཡིན་དུས།།
བསྒྲུབ་དགོས་ལེ་ཤེས་ཤེས་ཁ་རེད།།
མི་ཁ་འདི་བརྟན་པོ་མིན་ཡང་།།
རང་སེམས་ནི་བརྟན་པོ་ཡིན་དགོས།།
རྒྱལ་ཁ་ནི་མ་ཐོབ་ན་ཡང་།།
གང་ལྟར་ཀྱང་འབད་བརྩོན་བྱེད་དགོས།།
རང་བདེ་སྡུག་རང་ལ་རག་ལས།།
རང་ཕུགས་བསམ་རང་གིས་གསལ་དགོས།།
རང་ཁ་ཕྱོགས་རང་གིས་འཚོལ་དགོས།།
རང་མདུན་ལམ་རང་གིས་སྐྱོང་དགོས།།
རང་ཚུགས་ནི་མ་ཤོར་པ་དགོས།།
གཞན་སེམས་དེ་མ་དཀྲུགས་པ་དགོས།།
རྨི་ལམ་དེ་ཅི་འདྲ་ཡིན་ན།།
དམིགས་ཡུལ་ནི་དེ་ལ་གཞིགས་དགོས།།
སྙིང་སྟོབས་ནི་མ་ཞུམ་བསྐྱོད་དགོས།།
སེམས་ཤུགས་དེ་མ་ཆུང་བྱོས་ཡ།།
བཟོད་སེམས་དང་སྡུག་རུས་བྱས་ནས།།
རང་ཉིད་ལ་ཡིད་ཆེས་ཡོད་དགོས། །
人生是无常的
轮回皆有苦乐
生死无法预料
尽做有意之事
一切事物成败
莫过心底所想
现是青春年华
就应顽强拼搏
谣言总是难稳
自心稳如泰山
就算失败告终
也要努力向前
仅苦乐靠自己
坚守自己理想
把握自己方向
把握自己前程
做好自己本分
切勿扰乱他人
理想会是如何
目标要坚定
勇气坚仍不拔
耐心需要坚强
忍耐勇往奋斗
定要相信自己