
ཕ་ཡུལ་འུ་ཡུག།
ལེན་མཁན། རྡོ་རྗེ་ཚེ་རིང་།
ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།
གངས་སྟོད་ཇོ་མོ་གངས་དཀར།
མར་ཆབ་ཡར་ལུང་གཙང་པོ།
བར་ཡུལ་སེར་ཆེན་འུ་ཡུག།
བུ་ངའི་སྐྱེ་སའི་ཕ་ཡུལ།
རིགས་པའི་སེང་གེ་ཁྲུངས་ས།
ཇ་བྲལ་བླ་མ་ལྡན་ས།
ཡབ་དུ་གོས་སྔོན་ལྷ་ཁང་།
གནས་ཆེན་སྣ་འཛོམས་ཕ་ཡུལ།
ཕོ་རྩལ་སྣ་དགུ་འཛོམས་པ།
མཛངས་མའི་ཡོན་ཏན་འཛོམས་པ།
སེམས་མཐུན་གཅིག་གི་བརྒྱུད་པ།
འུ་ཡུག་ཕོ་གཞོན་མོ་གཞོན།
ལྷག་བསམ་དུང་དཀར་སྤུན་མཆེད།
ལ་རྒྱ་རྟོ་རྗེའི་བྲགས་ཡིན།
མེ་ནུབ་བསྐལ་རྒྱར་གནས་པའི།
གསོལ་བ་སྨོན་ལམ་བཏབ་ཡོད།