
作词 : 米玛
作曲 : 德青曲珠
བློ་སེམས་ཁྱེད་ལ་ཕྱོགས་ཡོད།
མིག་དམར་གྱིས་ཚིག་བརྩམས།
བདེ་ཆེན་ཆོས་གྲུབ་ཀྱིས་གདངས་བརྩམས།
གཙང་པ་ནོར་བུ་དང་ཟླ་སྒྲན་གྱིས་གཏང་།
གཙང་གི་ཨ་ཇོའི་བློ་སྟོབས།
ཇོ་མོ་གླང་མ་ཡིན་ན།
ནང་སེམས་ཤེས་རྒྱ་ཆེ་བ།
ཡངས་བའི་རྒྱ་མཚོ་ལོས་ཡིན།
གཙང་གི་བུ་མོའི་བཞིན་རས།
དཀར་གསལ་ཟླ་བ་ཡིན་ན།
ནང་སེམས་གཤིས་རྒྱུད་དཀར་བ།
བལ་གྱི་རང་གཤིས་ལོས་ཡིན།
བཞིན་རས་མཛེས་པར་མ་འཁོར།
ཐུགས་སེམས་བཟང་བར་སྨོན་བྱུང་།
སྐུ་གཟུགས་རྫིག་པར་མ་འཁོར་།
བློ་རྒྱ་ཡངས་བར་སྨོན་བྱུང་།
གཙང་གི་བུ་མོ་བུ་ཁྲིད། ༼གཙང་གི་ཨ་ཇོ་སྟོབས་ལགས། ༽
ཨ་ཇོའི་ཡིད་དབང་འཕྲོག་སོང་། ༼བུ་མོའི་ཡིད་དབང་འཕྲོག་སོང་།༽
གལ་སྲིད་ཐུགས་ལ་ཡོད་ན།
ཕྱིར་མིག་ལན་གསུམ་གནང་དང་།
གལ་སྲིད་ཐུགས་ལ་ཡོད་ན།
ཕྱིར་མིག་ལན་གསུམ་གནང་དང་།
གཙང་གི་བུ་མོའི་བཞིན་རས།
དཀར་གསལ་ཟླ་བ་ཡིན་ན།
ནང་སེམས་གཤིས་རྒྱུད་དཀར་བ།
བལ་གྱི་རང་གཤིས་ལོས་ཡིན།
གཙང་གི་ཨ་ཇོའི་བློ་སྟོབས།
ཇོ་མོ་གླང་མ་ཡིན་ན།
ནང་སེམས་ཤེས་རྒྱ་ཆེ་བ།
ཡངས་བའི་རྒྱ་མཚོ་ལོས་ཡིན།
བཞིན་རས་མཛེས་པར་མ་འཁོར།
ཐུགས་སེམས་བཟང་བར་སྨོན་བྱུང་།
སྐུ་གཟུགས་རྫིག་པར་མ་འཁོར་།
བློ་རྒྱ་ཡངས་བར་སྨོན་བྱུང་།
གཙང་གི་བུ་མོ་བུ་ཁྲིད། ༼གཙང་གི་ཨ་ཇོ་སྟོབས་། ༽
ཨ་ཇོའི་ཡིད་དབང་འཕྲོག་སོང་། ༼བུ་མོའི་ཡིད་དབང་འཕྲོག་སོང་།༽
གལ་སྲིད་ཐུགས་ལ་ཡོད་ན།
ཕྱིར་མིག་ལན་གསུམ་གནང་དང་།
གལ་སྲིད་ཐུགས་ལ་ཡོད་ན།
ཕྱིར་མིག་ལན་གསུམ་གནང་དང་།
བཞིན་རས་མཛེས་པར་མ་འཁོར།
ཐུགས་སེམས་བཟང་བར་སྨོན་བྱུང་།
སྐུ་གཟུགས་རྫིག་པར་མ་འཁོར་།
བློ་རྒྱ་ཡངས་བར་སྨོན་བྱུང་།
གཙང་གི་བུ་མོ་བུ་ཁྲིད། ༼གཙང་གི་ཨ་ཇོ་སྟོབས་། ༽
ཨ་ཇོའི་ཡིད་དབང་འཕྲོག་སོང་། ༼བུ་མོའི་ཡིད་དབང་འཕྲོག་སོང་།༽
གལ་སྲིད་ཐུགས་ལ་ཡོད་ན།
ཕྱིར་མིག་ལན་གསུམ་གནང་དང་།
གལ་སྲིད་ཐུགས་ལ་ཡོད་ན།
ཕྱིར་མིག་ལན་གསུམ་གནང་དང་།