作词 : 叶西切增
作曲 : 索南多杰
编曲 : 谢尔巴
ན་ནིང་འུ་གཉིས་འཕྲད་ཙམ་བྱས་པ།།
ཞེན་ཆགས་ལུས་པའི་གཞི་མ་ཡིན་ན།།
ད་ལོ་སོས་དལ་ཁོམ་པ་ཡོད་ན།།
ཇ་ཁང་ཅིག་ནས་འཕྲད་འཕྲད་བྱས་ཆོག
ད་ལོ་སོས་དལ་ཁོམ་པ་ཡོད་ན།།
ཇ་ཁང་ཅིག་ནས་འཕྲད་འཕྲད་བྱས་ཆོག
ཞེན་ཆགས་རྒྱ་གར་ཡུལ་ནས་ལུས་རུང་།
རྐང་པ་ལ་མོ་རྒྱག་རྒྱུ་ཟེར་གི
དུང་བ་རྒྱ་མཚོའི་གཏིང་ན་ཡོད་རུང་།
བློས་བཏང་ལག་པས་རེག་རྒྱུ་ཟེར་གི
དུང་བ་རྒྱ་མཚོའི་གཏིང་ན་ཡོད་རུང་།
བློས་བཏང་ལག་པས་རེག་རྒྱུ་ཟེར་གི
ཕོ་གཞོན་ཐང་དཀར་རྒོད་པོ་ཁྱོད་འདྲ།།
དུང་བ་རྒྱུ་ལམ་མཁའ་འདྲ་ཡོད་ན།།
མོ་གཞོན་སྤྲིན་ཆུང་འདུ་འདྲ་ང་ལ།།
བརྩེ་བ་སྦྲང་ཆར་བབས་འདྲ་ལོས་འདུག
མོ་གཞོན་སྤྲིན་ཆུང་འདུ་འདྲ་ང་ལ།།
བརྩེ་བ་སྦྲང་ཆར་བབས་འདྲ་ལོས་འདུག
སྣང་བའི་ས་སྒང་གཡང་གི་རི་མོར།།
བརྩེ་བའི་པདྨ་འཁྲུངས་ཙམ་གནོང་དང་།།
སེམས་དང་བསམ་པའི་འཁོར་ཁ་གཅིག་ན།།
མི་ཚེའི་གོམ་ཁ་ལེན་སྟངས་ལོས་འདྲ།།
སེམས་དང་བསམ་པའི་འཁོར་ཁ་གཅིག་ན།།
མི་ཚེའི་གོམ་ཁ་ལེན་སྟངས་ལོས་འདྲ།།
མི་ཚེའི་གོམ་ཁ་ལེན་སྟངས་ལོས་འདྲ།།
