
作词 : 白日·但巴江次
作曲 : 阿德•青梅才仁
编曲 : 索当珠
གནམ་ནས་བཀྲ་ཤིས་སྤྲིན་དཀར་འཁྲིགས་ཆར་ཆུ་སྔོན་མོ་དུས་སུ་འབབ།།
天降吉祥白云聚,甘霖及时润
གཡུ་འབྲུག་སྔོན་མོ་ལྷང་ལྷང་གྲག་མཚན་སྙན་རྒྱས་པའི་རྟེན་འབྲེལ་ཡོད།།
青龙低吟声悠远,缘起之链永相连
བར་ལ་བཀྲ་ཤིས་འཕྲོད་སྦྱོར་ཡག་འཇའ་ཚོན་སྣ་ལྔ་གདུགས་ལྟར་ཕུབས།།
人间吉祥相逢乐,五彩虹霓如伞
ཚེས་བཟང་དུས་བཟང་རང་མདངས་བཀྲ་སྐུ་ལ་བཀྲ་མདངས་འཕེལ་བར་ཤོག།
良辰吉日自光辉,愿您容颜增
ས་ལ་བཀྲ་ཤིས་གངས་རིས་སྐོར་མེ་ཏོག་སྣ་བརྒྱའི་རྣམ་པ་མཛེས།།
大地吉祥雪山绕,百花盛放姿
ལོ་ཡག་སྙེ་མ་དགུང་ལ་མཉམ་བང་བ་སྐྱ་མོ་འབྲུ་ཡི་གང་།།
良田青稞垂天穗,粮仓满溢似山堆
རྟ་ནོར་ལུག་གི་བསྟན་པ་དར་ཤ་མར་ཐུད་ཀྱི་རི་བོ་བརྩིགས།།
马羊牲畜遍草原,酥油糌粑垒成山
འབྱོར་ཕྱུག་འཆམ་མཐུན་དཔལ་གྱིས་རྒྱས་གང་བསམ་འགྲུབ་པའི་བཀྲ་ཤིས་ཤོག།
财富和睦皆增长,所愿皆成享吉祥
བཀྲ་ཤིས་ཕྱི་སྣོད་འཇིག་རྟེན་ལ་འབྱུང་བཞིས་འཚེ་བ་མེད་པར་ཤོག།
愿外器世间,四大调和无灾殃
བཀྲ་ཤིས་ནང་བཅུད་སེམས་ཅན་ལ་ཉམ་རྒུད་མེད་པའི་སྨོན་ལམ་འདེབས།།
祝愿吉祥平安。
བཀྲ་ཤིས་འཛམ་གླིང་སྐྱེ་འགྲོ་ཀུན་འཚེ་མེད་ཞི་བདེའི་ཁྱབ་པར་ཤོག།
吉祥,吉祥,愿一切吉祥
བཀྲ་ཤིས་བཀྲ་ཤིས་བཀྲ་ལ་ཤིས་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཤོག།
祝大家吉祥如意!