
作词 : 芒久嘎
作曲 : 昂旺登真
ཁམས་པ་ཕོ་སར་རྒྱལ་ཁམས་བསྐོར་ནས་ཡོང་།
བརྩ་བའི་བླ་མའི་བཀའ་ཆོས་སེམས་ལ་ཡོད།
དྲིན་ཆེན་ཕ་མའི་བསླབ་བྱ་ཡིད་ལ་གཟུང་།
ཁམས་པ་མི་ཡི་གཤིས་ཀ་དེ་འདྲ་ཡིན།
ཕོ་ལྷ་གསོ། དགྲ་ལྷ་གསོ།
ཁམས་པའི་ཕོ་སར།
ལུས་ལྷ་གསོ། རླུང་རྟ་དར།
ཁམས་པའི་ཕོ་སར།
ཁམས་པའི་ཕོ་སར་མི་ཡི་དང་བརྩེ་ཡིན།
ཁམས་པའི་ཕོ་སར་མི་ཡི་དང་བརྩེ་ཡིན།
ཁམས་པ་ཕོ་སར་རྒྱལ་ཁམས་བསྐོར་ནས་ཡོང་།
གྲོགས་པོ་བཟང་པའི་དམ་བཅའ་སེམས་ལ་ཡོད།
ཡུལ་དང་ལུང་པའི་གོམ་གཤིས་འཛིན་དུ་འགྲོ།
ཁམས་པ་མི་ཡི་གཤིས་ཀ་དེ་འདྲ་ཡིན།
ཕོ་ལྷ་གསོ། དགྲ་ལྷ་གསོ།
ཁམས་པའི་ཕོ་སར།
ལུས་ལྷ་གསོ། རླུང་རྟ་དར།
ཁམས་པའི་ཕོ་སར།
ཁམས་པའི་ཕོ་སར་མི་ཡི་རྒྱན་ཆ་ཡིན།
ཕོ་ལྷ་གསོ། དགྲ་ལྷ་གསོ།
ཁམས་པའི་ཕོ་སར།
ལུས་ལྷ་གསོ། རླུང་རྟ་དར།
ཁམས་པའི་ཕོ་སར།
ཁམས་པའི་ཕོ་སར་མི་ཡི་རྒྱན་ཆ་ཡིན།
ཁམས་པའི་ཕོ་སར་མི་ཡི་རྒྱན་ཆ་ཡིན།
ཁམས་པའི་ཕོ་སར་མི་ཡི་རྒྱན་ཆ་ཡིན།
ཁམས་པའི་ཕོ་སར་མི་ཡི་རྒྱན་ཆ་ཡིན།