作词 : 仓央嘉措
作曲 : 热西·才让旦
编曲 : 陈小机
ལྷ་ཤིང་ཤུག་པའི་རྩེ་ལ།
ཁུ་བྱུག་གཞོན་ནུ་བབས་འདུག
དང་པོ་མ་མཐོང་ཆོག་ག
སེམས་པ་ཤོར་དོན་མི་འདུག
གཉིས་བ་མ་འདྲིས་ཆོག་ག
སེམས་གཅོང་ཡོང་སོན་མི་འདུག
ལྷ་ས་མི་ཚོགས་མཐུག་ལ།
འཕྱོགས་རྒྱས་མི་སྤུས་དག་པ།
ང་ལ་དགོས་པའི་ཆུང་འདྲིས།
འཕྱོགས་རྒྱས་གཞུང་ན་ཡོད་དོ།
ལྷ་ཤིང་ཤུག་པའི་རྩེ་ལ།
ཁུ་བྱུག་གཞོན་ནུ་བབས་འདུག
གསུང་སྐད་མང་པོ་མི་དགོ
སྙན་པོའི་ཚིག་གཅིག་གསུང་དང་།
ལྷ་ཤིང་ཤུག་པའི་རྩེ་ལ།
ཁུ་བྱུག་གཞོན་ནུ་བབས་འདུག
ལྷ་ཤིང་ཤུག་པའི་རྩེ་ལ།
ཁུ་བྱུག་གཞོན་ནུ་བབས་འདུག
གསུང་སྐད་མང་པོ་མི་དགོ
སྙན་པོའི་ཚིག་གཅིག་གསུང་དང་།
གསུང་སྐད་མང་པོ་མི་དགོ
སྙན་པོའི་ཚིག་གཅིག་གསུང་དང་།
