
作词 : 群桑
作曲 : 尕太加
ལམ།
ལམ་འདི་ཤར་ལ་འཐེན་ཡོད། །
ལམ་འདི་ནུབ་ལ་བརྐྱངས་ཡོད། །
ཤར་ནུབ་གཉིས་ཀྱི་བར་ན། །
ནམ་མཁའ་སྔོན་མོས་བལྟས་ཡོད།
ཤར་ནས་ཕྱི་འགྲོས་སྟེག་ན། །
སྤྲིན་པའི་ཞལ་ངོ་གནག་འགྲོ། །
ནུབ་ནས་ཝ་འབྲོས་བརྒྱབ་ན། །
ཆར་བས་མིག་ཆུ་འཕུད་ཡོང། །
་་་་་་་་་་་་་་་་་་་
ནུབ་ནས་ཝ་འབྲོས་བརྒྱབ་ན། །
་་་་་་་་་་་་་་་་་་་
ཆར་བས་མིག་ཆུ་འཕུད་ཡོང། །
ལྷོ་དང་བྱང་ལ་སོང་ན། །
ནམ་མཁས་ཅི་སྐད་གསུང་ངམ། །
མ་སོང་ཙོག་པུར་བསྡད་ན། །
ཉི་མས་ཅི་སྐད་ཟེར་རམ། །
མི་ཚེའི་ལམ་བུ་ཟེར་བ། །
ལ་དང་ལུང་ལ་འཐེན་པས། །
མིའུ་ཆུང་གོམ་པའི་ཁ་ལོ། །
རླུང་ཁའི་དར་ལྕེ་འདྲ་སོང། །
་་་་་་་་་་་་་་་་་་
ཨོ་ལོ་གོམ་པའི་སྣེ་མོ། །
་་་་་་་་་་་་་་་་་་
རླུང་ཁའི་དར་ལྕེ་འདྲ་སོང། །